[001A]༄༅། །སངས་རྒྱས་སུམ་ཅུ་སོ་ལྔའི་མཚན་གྱི་ཕན་ཡོན་བཞུགས་སོ། ། [001B] སངས་རྒྱས་སུམ་ཅུ་སོ་ལྔའི་མཚན་གྱི་ཕན་ཡོན་ནི། དེ་བཞིན་གཤེགས་མ་འཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །ཞེས་པས། བསྐལ་པ་ཁྲི་ཕྲག་གཅིག་གི་སྡིག་པ་ འདག་གོ་རྡོ་རྗེ་སྙིང་པོ་དེ་དང་འདྲ། རིན་ཆེན་འོད་འཕྲོས་བསྐལ་པ་སུམ་ཁྲི་ཆིག་སྟོང་གི་སྡིག་པ་འདག་ཀླུ་དབང་གི་རྒྱལ་པོས་བསྐལ་པ་བརྒྱད་ཀྱི་སྡིག་པ་འདག་དཔའ་བོའི་སྡེས་ངག་འཁྱལ་གྱི་སྡིག་པ་འདག་དཔལ་ དགྱེས་ཀྱིས་ཡིད་ཀྱིས་བསགས་པའི་སྡིག་པ་འདག་རིན་ཆེན་མེས་དགེ་འདུན་གྱི་དཀོར་ལ་འགགས་པའི་སྡིག་པ་འདག་རིན་ཆེན་ཟླ་འོད་ཀྱིས་བསྐལ་པ་གཅིག་གི་སྡིག་པ་འདག་མཐོང་བ་དོན་ཡོད་ཀྱིས་འཕགས་ པ་ལ་སྐུར་བ་བཏབ་པའི་སྡིག་པ་འདག་རིན་ཆེན་ཟླ་བས་མ་བསད་པའི་སྡིག་པ་འདག་དྲི་མ་མེད་པས་ཕ་བསད་པའི་སྡིག་པ་འདག་དཔལ་སྦྱིན་གྱིས་དགྲ་བཅོམ་པ་བསད་པའི་སྡིག་པ་འདག་ཚངས་པས་དགེ་འདུན་ གྱི་དབྱེན་བྱས་པའི་སྡིག་པ་འདག་ཚངས་པས་བྱིན་གྱིས་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བའི་སྡིག་པ་འདག་ཆུ་ལྷས་དགྲ་བཅོམ་མ་སུན་ཕྱུང་བའི་སྡིག་པ་འདག་ཆུ་ལྷའི་ལྷས་བྱང་ཆུབ་ སེམས་དཔའ་ངེས་པ་ལ་གནས་པ་བསད་པའི་སྡིག་པ་འདག་དཔལ་བཟང་གིས་སློབ་དཔོན་བསད་པའི་སྡིག་པ་འདག་ཙདན་དཔལ་གྱིས་དགེ་འདུན་འདུ་བའི་སྒོ་བཀག་པའི་སྡིག་པ་འདག་གཟི་བརྗིད་མཐའ་ [002A]༄༅། །ཡས་ཀྱིས་མཆོད་རྟེན་བཤིག་པའི་སྡིག་པ་འདག་འོད་དཔལ་གྱིས་ཞེ་སྡང་གིས་ཀུན་ནས་བསླངས་པའི་སྡིག་པ་འདག་མྱ་ངན་མེད་པའི་དཔལ་གྱིས་འདོད་ཆགས་ཀྱིས་ཀུན་ ནས་བསླངས་པའི་སྡིག་པ་འདག་སྲེད་མེད་ཀྱི་བུས་བསྐལ་པ་ཁྲིའི་སྡིག་པ་འདག་མེ་ཏོག་དཔལ་གྱིས་བསྐལ་པ་འབུམ་གྱི་སྡིག་པ་འདག་ཚངས་པའི་འོད་ཟེར་གྱིས་བསྐལ་པ་སྟོང་གི་སྡིག་པ་འདག་པམའི་འོད་ ཟེར་གྱིས་བསྐལ་པ་བདུན་གྱི་སྡིག་པ་འདག་ནོར་དཔལ་གྱིས་བག་ཆགས་ཀྱི་སྡིག་པ་འདག་དྲན་པའི་དཔལ་གྱིས་ལུས་ཀྱི་སྒོ་ནས་བྱས་པའི་སྡིག་པ་འདག་མཚན་དཔལ་ཤིན་ཏུ་ཡོངས་བསྒྲགས་ཀྱིས་སངས་རྒྱས་ འབྱུང་བ་ལ་མཉེས་པར་མ་བྱས་པའི་སྡིག་པ་འདག་དབང་པོའི་ཏོག་གི་རྒྱལ་མཚན་གྱི་རྒྱལ་པོས་ཕྲག་དོག་བྱས་པའི་སྡིག་པ་འདག་ཤིན་ཏུ་རྣམ་པར་གནོན་པའི་དཔལ་གྱིས་གཞན་སྡིག་པ་བྱེད་དུ་བཅུག་ པའི་སྡིག་པ་འདག་གཡུལ་ལས་ཤིན་ཏུ་རྣམ་པར་རྒྱལ་བས་ང་རྒྱལ་གྱིས་ཀུན་ནས་བསླངས་པའི་སྡིག་པ་འདག་རྣམ་པར་གནོན་པ་གཤེགས་པས་ཕྲ་མ་བྱས་པའི་སྡིག་པ་འདག་ཀུན་ནས་སྣང་བ་ བཀོད་པའི་དཔལ་གྱིས་གཞན་གྱིས་སྡིག་པ་བྱས་པ་ལ་ཡི་རང་བྱས་པའི་སྡིག་པ་དག་རིན་ཆེན་པམས་རྣམ་པར་གནོན་པས་ཆོས་སྤོང་གི་ལས་བྱས་པའི་སྡིག་པ་འདག་རིན་པོ་ཆེའི་པམ་ལ་རབ་ཏུ་བཞུགས་པ་སངས་ [002B] །ཞེས་པས། དམ་ཚིག་ཉམས་པའི་སྡིག་པ་འདག་གོ་འདི་དག་ནི་ཇོ་བོ་རྗེའི་བཞེད་པ་ཡིན་ནོ། །བྱང་ཆུབ་ལྟུང་བཤགས་འདིས་སྡིག་པའི་གཉེན་པོ་སྟོབས་བཞི་ཚང་བ་བསྟན་ཏེ། དེ་ཡང་དཀོན་ཆོག་གསུམ་ ལ་སྐྱབས་སུ་འགྲོ་བས་རྟེན་གྱི་སྟོབས་དང། དེ་བཞིན་གཤེགས་པ་སོ་ལྔ་ལ་ཕྱག་བཙལ་བས། གཉེན་པོ་ཀུན་ཏུ་གཅོད་པའི་སྟོབས་དང། བདག་གི་སྐྱེ་བ་འདི་དང་ཞེས་པ་ནས། མི་འཆབ་བོ། །ཞེས་པའི་བར་གྱིས་རྣམ་པར་སུན་འབྱིན་བཞི་སྟོབས་དང་ སླན་ཆད་ཀྱང་གཅོད་ཅིང་སྡོམ་པར་བགྱིད་ལགས་སོ། །ཞེས་པས་སླར་ལྡོག་པའི་སྟོབས་བསྟན་ཏོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་བདག་ལ་དགོངས་སུ་གསོལ། །ཞེས་པ་ནས། བདག་གིས་ཀྱང་ཡོངས་སུ་བསྔོ་བར་བགྱི། །ཞེས་པའི་བར་གྱི་ཕྱིན་ དྲུག་གིས་བསྡུས་པའི་དགེ་རྩ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་རྒྱུར་བསྔོ་བ་དང། སྡིག་པ་ཐམས་ཅད་ནི་སོ་སོར་བཤགས། །ཞེས་པ་ནས། བདག་བླ་ན་མེད་པ་ཡེ་ཤེས་ཀྱི་མཆོག་ཐོབ་པར་གྱུར་ཅིག་ཅེས་པའི་བར་གྱིས་གོང་གི་ སྟོབས་བཞི་པོ་ཕུང་པོ་གསུམ་དུ་བསྡུས་ནས་བསྟན་ལ། མི་མཆོག་རྒྱལ་བ་གང་དག་ད་ལྟར་བཞུགས་པ་དང། ཞེས་སོགས་ནི་དེ་གསུམ་བརྟན་པར་བྱེད་པའོ། །བཤགས་པ་བྱེད་པའི་ཚེ་མདུན་གྱི་ནམ་མཁར་རྒྱལ་བ་འཀྱ་ཐུབ་པར་བུས་དང་ གཞན་རྣམས་ཕྱོགས་བཞི་དང། སྟེང་འོག་རྣམས་སུ་བཞུགས་པའི་མདུན་དུ་རང་ཉིད་གནས་པ་མོས་པར་བའོ། །ཇི་སྙེད་ཅིག་བཞུགས་ཏེ་དང། འཆེ་ཞིང་ཞེས་པའི་བར་ནི། རིམ་པ་ལྟར་ཆོས་ལོངས་སྤྲུལ་གསུམ་གྱི་སྐུ་བརྙེས་པའམ། དུས་གསུམ་དུ་ [003A]༄༅། །བཞུགས་པའམ། རང་དང་གཞན་གཉིས་ཀའི་དོན་ཕུན་སུམ་ཚོགས་པའོ། །སྡིག་པ་མི་དགེ་བའི་ལས་བགྱིས་པ་དང། ཞེས་སོགས་ཉེས་པ་རང་རང་གི་ངོ་བོའི་སྒོ་ནས་འགྱོད་པ་བསྒོམ་པ་དང། ཡེ་ཤེས་ སུ་གྱུར་པ་སོགས་བཞི་ནི། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་ཐམས་ཅད་མཁྱེན་པས་ཡེ་ཤེས་སུ་གྱུར་པ་དང། དེ་ནས་ཤའི་མིག་གིས་མཐོང་བ་ལྟར་གསལ་བར་མཁྱེན་པས་སྤྱན་དུ་གྱུར་པ་དང། རང་གི་དགེ་མི་དགེའི་འདུས་བྱས་པ་རྣམས་ དབང་པོར་ཡོད་པས་དབང་དུ་གྱུར་པ་དང། རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ཚད་མར་གྱུར་པའོ། །སྔར་སྡིག་པ་བྱས་པ་རྣམས་ངག་ཏུ་བརྗོད་པའི་སྒོ་ནས་མཐོལ་བ་དང། ལུས་ཀྱི་ཐལ་མོ་སྦྱོར་བ་དང། ཕྱག་འཚལ་བ་སོགས་གུས་པའི་སྤྱོད་ལམ་གྱིས་བཤགས་ པ་དང། ཡིད་ཀྱིས་གསང་སེམས་མེད་པས་མི་འཆབ་པ་དང། ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བྱེད་པ་ནི། སླན་ཆད་ཀྱང་སྡོམ་པར་བགྱིད་ལགས་སོ་ཞེས་པའོ། །སྦྱིན་པ་ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ལ་ཟས་ཁམ་གཅིག་ཙམ་སྐྱིན་པས་ མཚོན་པའི་སྦྱིན་པ་བཏང་བ་དང། མི་དགེ་བཅུ་ལ་སྡོམ་སེམས་བཏང་བ་ལ་སོགས་པའི་ཚུལ་ཁྲིམས་བསྲུངས་པ་དང། མི་གནས་པའི་མྱ་ངན་ལས་འདས་པ་ནི་ཚངས་པ་ཡིན་ལ། དེའི་རྒྱུ་བྱམས་སོགས་ཚད་མེད་པ་བཞི་བསྒོམ་པ་ནི། ཚངས་པར་ སྤྱོད་པ་ལ་གནས་པ་སྟེ། དེ་ཡང་བྱམས་སོགས་ཀྱིས་ཁོང་ཁྲོ་འཛེམས་པས་གཞན་གྱིས་གནོད་པ་བྱེད་པ་ལ་བཟོད་པར་བྱེད་ལ། དེས་མཚོན་ནས་བཟོད་པ་བསྒོམ་པ་དང། སེམས་ཅན་ཡོངས་སུ་སྨིན་པའི་ཆེད་དུ་སྤྲེ་བའི་བརྩོན་འགྲུས་བརྩམ་ [003B] བླ་ན་མེད་པའི་བྱང་ཆུབ་ལ་སེམས་རྩེ་གཅིག་ཏུ་གནས་པའི་བསམ་གཏན་བསྒོམ་པ་དང། བླ་ན་མེད་པའི་ཡེ་ཤེས་ནི། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཆོས་སྐུ་ཡིན་ལ། དེ་དང་རྗེས་སུ་མཐུན་པའི་སྟོང་ཉིད་ལ་མཉམ་པར་བཞག་པའི་ཤེས་རབ་བསྒོམ་པ་སྟེ་ ཕྱིན་དྲུག་གིས་བསྡུས་པའི་དགེ་རྩ་བསྔོ་བའོ། །ཕུང་པོ་གསུམ་ནི། ཚོགས་གསོག་པ། སྒྲིབ་པ་སྦྱོང་བ། དགེ་རྩ་སྤེལ་བ་ཡིན་ལ། སྡིག་པ་ཐམས་ཅད་ནི་སོ་སོར་བཤགས་སོ། །ཞེས་པས་གཉིས་པ་དང། བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངེ་ཞེས་པས་ དང་པོ་དང། བདག་བླ་ན་མེད་པ་ཡེ་ཤེས་ཀྱི་མཆོག་ཏུ་གྱུར་ཅིག་ཅེས་པས་གསུམ་པ་དང། སངས་རྒྱས་ཐམས་ཅད་ལ་གསོལ་བ་འདེབས་པ་བསྟན་ཏེ། གོང་གི་སྟོགས་བཞི་པོ་ཐམས་ཅད་དེ་གསུམ་པོ་དེར་འདུས་སོ། །གསོལ་བ་འདེབས་པ་ལ་ཆོས་འཁོར་བསྐོར་བར་གསོལ་ བ་འདེབས་པ་དང། མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་གཉིས། བདག་བླ་ན་མེད་པའི་ཡེ་ཤེས་ཀྱི་མཆོག་ཐོབ་པར་གྱུར་ཅིག་ཅེས་པས་རྫོགས་བྱང་ལ་ཐོབ་བྱར་སྨོན་པའི་སོགས་བསྐྱེད་ནས་དགེ་རྩ་བསྔོ་བའོ། །དེ་རྣམས་བརྟན་པར་བྱེད་པ་ནི་མི་ མཆོག་རྒྱལ་བ་སོགས་ཡིན་ནོ། །འདི་ནི་ཀུན་མཁྱེན་དར་མ་རིན་ཆེན་གྱི་གསུང་ལས་ཇི་ལྟར་བྱུང་བ་ཟིན་བྲིས་སུ་བཀོད་པའོ།། །།